༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཇི་ལྟར་ཞུ་ཕྱོགས་དང་ཐུགས་བསྐྱེད་དམ་བཅའ་སྐོར་གླེང་མོལ།
2021.07.07
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་དྲུག་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་འཛམ་གླིང་ཤར་ནུབ་གང་སར་བོད་མི་འདུས་བསྡོད་ས་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་དང་བསྟུན། དེ་རིང་ཁ་བའི་གྲོས་རའི་ལེ་ཚན་ནང་སྐུའི་འཁྲུངས་སྐར་དང་འབྲེལ་བོད་པ་མི་རེ་ངོ་རེས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཇི་ལྟར་ཞུ་ཕྱོགས་དང་ལྷག་པར་དུ་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ནང་གི་ཆོས་བརྒྱུད་དང་ཆོས་ལུགས་མཐུན་བསྒྲིལ་གོང་སྤེལ་གྱི་མཛད་པ་སྐོར། ས་སྐྱ་པའི་མཁན་ཆེན་བྱམས་པ་བསྟན་དར་ལགས་དང་། བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་ཁྲི་མཁན་པོ་ཉི་མ་གྲགས་པ་རིན་པོ་ཆེ། ཀརྨ་པ་སྲི་ཞུ་ཚོགས་པའི་འགན་འཛིན་འཕྲིན་ལས་ཆོས་འཕེལ་ལགས་བཅས་དང་ལྷན་རྩོམ་སྒྲིགས་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།