བོད་རིག་པའི་ཉམས་ཞིབ་པ་དང་ཞིབ་འཇུག་གི་བརྗོད་གཞི།

2024.08.24
བོད་རིག་པའི་ཉམས་ཞིབ་པ་དང་ཞིབ་འཇུག་གི་བརྗོད་གཞི།
བཀྲིས་དབང་ཕྱུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་བོད་རིག་པའི་ཉམས་ཞིབ་པ་ཉུང་སྐྱོན་ལས་ཉམས་ཞིབ་ཀྱི་བརྗོད་གཞི་ཉུང་བ་ཞིག་མེད་པ་ཝ་ན་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ནང་དོན་རིག་པའི་འབུམ་རམས་པའི་སློབ་གཉེར་བ་བསྟན་འཛིན་ཚེ་རིང་ལགས་ཀྱིས་གསུངས་བྱུང་།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་གྱི་ནང་། སྐབས་ ༡༧ པའི་ས་རཱ་མཐོ་སློབ་ཀྱི་བོད་རིག་པའི་བགྲོ་གླེང་དེ་བཞིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ས་རཱ་གཞོན་ནུའི་རུ་ཁག་བཅས་མཉམ་རུབ་ཀྱིས། ས་ཪཱ་མཐོ་སློབ་ཏུ་ཕྱི་ཟླ་ ༨ ཚེས་ ༢༠ ནས་ཚེས་ ༢༣ བར་ཚོགས་པའི་ནང་མཉམ་ཞུགས་གནང་མཁན་ ༡) ས་རྭ་མཐོ་སློབ་ནས་རིག་གནས་རབ་འབྱམས་པའི་སློབ་གཉེར་བ་ཕུན་རབ་བསྟན་འཛིན་འོད་ཟེར་ལགས་དང་།  ༢) ཝ་ན་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ནང་དོན་རིག་པའི་འབུམ་རམས་པའི་སློབ་མ་བསྟན་འཛིན་ཚེ་རིང་ལགས།  ༣) ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་ནས་སྐད་ཡིག་གཙུག་ལག་རབ་འབྱམས་པ་གནང་བཞིན་པ་སྒྲོལ་མ་ཚེ་རིང་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ།  རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎