བོད་དང་ཧི་མ་ལ་ཡའི་རིག་གནས་ལས་འཆར།
2023.03.07
ཨ་མི་རི་ཀའི་ཁོ་ལོ་རེ་ཌོ་གཙུག་ལག་སློབ་ཆེན་གྱི་ཁྱབ་ཁོངས་ཨེ་ཤེ་ཡའི་སློབ་གཉེར་བསྟི་གནས་ཁང་གི་འོག་བོད་དང་ཧི་མ་ལ་ཡའི་རིག་གནས་ལས་འཆར་ཞིག་བཙུགས་ཡོད་ཅིང་། འདས་པའི་ལོ་ཤས་ནང་བོད་དང་ཧི་མ་ལ་ཡའི་རིག་གནས་ལས་འཆར་འདི་རྒྱ་སྐྱེད་བཏང་སྟེ་ལས་དོན་ཤུགས་ཆེ་རུ་བཏང་གནང་ཡོད་འདུག་ལ།
འདི་ལོ་ནས་བཟུང་སློབ་ཁྲིད་ཀྱི་ལེ་ཚན་ཁག་གི་ཐོག་ལ་ཤུགས་གནོན་ཆེ་ཙམ་བསྐྱོན་བཞིན་ཡོད་པ་འབྲེལ་ཡོད་ལས་བྱེད་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལས་འཆར་འདིའི་ནང་འགན་འཁུར་བཞེས་མཁན་ཁོངས་ནས་འཆད་ཁྲིད་སློབ་དཔོན་བསྟན་འཛིན་ཚེ་དཔག་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།