བལ་ཡུལ་ནང་སྐྱེས་པའི་ནང་པ་ཞིག་གི་རྒྱ་གར་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་འགྲུལ་བཞུད།
བསྟན་འཛིན་ཚེ་རིང་ལགས་ནི། བལ་ཡུལ་ཤར་ཁུམ་བུའི་སྟར་གདོང་གྲོང་གསེབ་ཏུ་སྐྱེས་ནས་ཆུང་དུས་གྲོང་སྡེའི་སློབ་གྲྭར་འཛིན་རིམ་བཞི་པའི་བར་བསྐྱོད་ཅིང་། དེ་ནས་རྒྱ་གར་ལྷོ་ཕྱོགས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ནང་དོན་རིག་པའི་གནས་ལ་སློབ་གཉེར་གང་ཙམ་གནང་པ་དང་། རྒྱ་གར་གྱི་ཨུ་ཏར་སྤར་དྷེཤ་མངའ་སྡེའི་ནང་ཡོད་པའི་ཝ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཞུགས་བྱས་ཏེ་ནང་དོན་རིག་པའི་གནས་ལ་འབུམ་རམས་པའི་སློབ་གཉེར་གྱིས་རིམ་པ་མཐའ་མའི་ཆེད་རྩོམ་འགོད་འབུལ་ཞུ་རྒྱུའི་མཚམས་སུ་སླེབས་ཡོད་པ་རེད། ཁོང་གི་མི་ཚེའི་ནང་བལ་པོའི་མི་སེར་ཞིག་གིས་ཡུལ་ཁམས་རྒྱ་གར་ནང་དུ་བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ནང་སློབ་གཉེར་གནང་པ་བཅས་མཚུངས་ཆོས་མི་འདྲ་བའི་གནས་བབ་འོག་ནས་སློབ་གཉེར་གནང་པ་ཞིག་ཡིན་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བསྟན་འཛིན་ཚེ་རིང་ལགས་སུ་ཁོང་གི་ཕར་སྦུབ་ཆེ་བའི་མི་ཚེའི་ལོ་རྒྱུས་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།