ནུབ་ཕྱོགས་སུ་བོད་ཡིག་སློབ་ཁྲིད་བྱེད་ཕྱོགས།
2019.05.04

༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་ནུབ་ཕྱོགས་ཡུལ་གྲུའི་ནང་འཚར་ལོངས་བྱུང་བཞིན་པའི་བོད་པའོ་ཕྲུ་གུ་ཚོ་རིམ་པས་མང་རུ་འགྲོ་བཞིན་ཡོད་པས་དང་། བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་འདི་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པས། གཞུང་དམངས་གཉིས་ཀ་ནས་འབད་བརྩོན་བྱས་པའི་ནང་ཕུར་བུ་ཐག་གཅོད་ལགས་ནི་བྱང་ཨ་རིའི་ནང་གཟའ་མཇུག་སློབ་གྲྭ་ལ་བོད་ཡིག་དགེ་རྒན་གནང་གི་ཡོད་པ་དང་། ཁོང་གིས་༼སུམ་རྟགས་རིན་ཆེན་མུན་སེལ་༽ཞུ་བའི་སློབ་དེབ་ཅིག་རྩོམ་སྒྲིག་གནང་ཡོད་པས་འབྲེལ་ཡོད་བོད་ཡིག་སློབ་ཁྲིད་སྐོར་ཁོང་ལ་སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།