བོད་མིའི་སྤྱི་ཚོགས་ཁྲོད་ཕོ་བའི་འབྲས་ནད་ཕོན་ཆེ་ཐོན་བཞིན་པ།
2021.02.02
༄༅།།ཕྱི་ཟླ་ ༢ ཚེས་ ༤ ཉིན་མོ་ནི་རྒྱལ་སྤྱིའི་འབྲས་ནད་འགོག་ཐབས་ཀྱི་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ཁྱོན་འབྲས་ནད་འགོག་ཐབས་ཆེད་གོ་རྟོགས་ཀྱི་ལས་འགུལ་སྤེལ་བའི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་པ་རེད། བོད་མིའི་སྤྱི་ཚོགས་ཁྲོད་དུ་འབྲས་ནད་འགོག་ཐབས་ཀྱི་ལས་འགུལ་གནང་མཁན་བོད་ཀྱི་འབྲས་ནད་ཚོགས་པས་ལོ་མང་བོད་མིའི་སྤྱི་ཚོགས་ཁྲོད་འབྲས་ནད་བརྟག་དཔྱད་སོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་གནང་བཞིན་ཡོད་པ་དང་། ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་ན། བསྐོར་སྐྱོད་བརྟག་དཔྱད་ཀྱི་ལས་རིམ་སྐབས་ལ་དྭགས་ཁུལ་བོད་མི་འབྲས་ནད་ཀྱི་ནད་རྟགས་ཡོད་པའི་ཁོངས་ནས་ཕྱེད་ཀ་ཙམ་ཕོ་བའི་འབྲས་ནད་ཐོན་བཞིན་ཡོད་པ་གསུངས་ཀྱི་འདུག གཤམ་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁོང་དང་ལྷན་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག