སུད་སི་གཟའ་མཇུག་སློབ་གྲྭའི་ཕ་སྐད་འགྲན་བསྡུར།
2024.09.23
སུད་སིའི་དང་ལེག་ཊེན་ཤེས་ཊན་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གཟའ་མཇུག་བོད་ཡིག་སློབ་གྲྭ་ ༢༡ ནས་སློབ་མ་ ༤༣༠ ཕ་སྐད་འགྲན་བསྡུར་ཐེངས་དགུ་པའི་ནང་མཉམ་བཞུགས་ཀྱིས་ཀློག་རྩལ་བྲིས་རྩལ་ཡིག་གཟུགས་སྙན་ཚིགས་བཅས་འགྲན་བསྡུར་གྱི་ལམ་ནས་གནང་ཡོད་པ་རེད། འདིའི་སྐོར་ང་ཚོའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
གསར་འགོད་པ། རབ་སྒང་ཚེ་རིང་ཕུན་ཚོགས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།