ལ་དྭགས་ཁུལ་གཞོན་སྐྱེས་ཚོའི་དབྱར་ཀའི་འདུ་འཛོམས་སར་ནང་ཆོས་ངོ་སྤྲོད་ཐེངས་གཉིས་པ་གནང་ཡོད་པ།
2018.09.11

༄༅། །གཏམ་གླེང་ཞལ་པར་གྱི་ལེ་ཚན་འདིའི་ནང་། ཉེ་སྔོན་ལ་དྭགས་ཁུལ་གཞོན་སྐྱེས་ཚོས་དབྱར་ཀའི་འདུ་འཛོམས་སར་ནང་ཆོས་ངོ་སྤྲོད་ཐེངས་གཉིས་པ་གནང་ཡོད་པ་དང་། རྒྱལ་སྤྱིའི་ནང་ཆོས་ལྷན་འཚོགས་ཤིག་རྒྱལ་ས་ལྡི་ལིའི་ནང་བསྐོངས་འཚོགས་གནང་ཡོད་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་ཧེ་མ་ལ་ཡའི་རི་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱག་ལས་གང་དང་གང་གནང་ཡོད་མེད། དེ་ནས་རྒྱ་གར་སྡེ་ར་སྡུན་ཁུལ་ནས་རྒྱ་གར་ཀེ་རེ་ལ་ཁུལ་ཆུ་ལོག་སྐྱོབ་གསོའི་ལས་འགུལ་སྤེལ་ཡོད་པའི་སྐོར་སོགས་དང་འབྲེལ་བའི་སྐོར། ཕྲེང་རིང་བསྟན་འཛིན་ནོར་བུ་ལགས་ཀྱིས་ལ་དྭགས་ཚེར་དཀར་མགོན་པའི་སྤྱི་ཁྱབ་མཁན་པོ་དང་འབྲི་གུང་༧སྐྱབས་མགོན་གྱི་མགྲིན་ཚབ་པ་མཁན་པོ་རང་གྲོལ་ལགས་དང་ལྷན་དུ་གླེང་མོལ་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ཕྲེང་རིང་བསྟན་འཛིན་ནོར་བུ།