ཕོ་བའི་འབྲས་ནད་ཀྱི་སློང་རྐྱེན་གཙོ་བོ་དང་ནད་གཞི་དེའི་རིགས་ལ་དུས་རྒྱུན་ནས་སྔོན་འགོག་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་སྐོར།
2024.05.09
སྤྱིར་བཏང་ཕོ་བའི་ནད་གཞི་ནི་ཆེས་རྒྱུན་ལྡན་གྱི་ནད་གཞི་ཞིག་ཡིན་ཞིང་། དེ་ཡང་ཐད་ཀར་ཟས་སྤྱོད་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་ཐོག ཉིན་རེའི་འཚོ་བ་དང་ལས་ཀའི་བྲེལ་འཚུབ་ཀྱི་ཁྲོད། ཉིན་ལྟར་ཞལ་ལག་དུས་ཐོག་ཏུ་བཞེས་པར་ཐུགས་གནང་དེ་ཙམ་མི་གནང་བར་འཕྲོད་བསྟེན་གྱི་བྱེད་སྒོར་མཐུད་ཤོར་འགྲོ་གི་ཡོད་པ་རེད། ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་འགྲོ་ཕན་སྨན་རྩིས་ཁང་གི་སྨན་རམས་པ་བློ་བཟང་བཟོད་པ་ལགས་སུ་སྤྱིར་ཕོ་བའི་ནད་གཞིའི་སྐོར་དང་། དེ་ནས་ཕོ་བའི་འབྲས་ནད་ཀྱི་སློང་རྐྱེན་གཙོ་བོ། ནད་གཞི་དེའི་རིགས་ལ་དུས་རྒྱུན་ནས་སྔོན་འགོག་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་རྒྱུན་ཤེས་ཁག་ཅིག་གི་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།