ཕྱི་འགྲོ་ཉུང་ཙམ་བྱས་ན་ཏོག་དབྱིབས་སྔོན་འགོག་གི་ནུས་པ་ཆེ་བ་ཡོད།
2021.02.22
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། ཁྱིམ་ཚང་ཞིག་ཏུ་ཏོག་དབྱིབས་གཉན་སྲིན་ནད་རྟགས་ཡོད་པའི་ནད་པ་ཞིག་ཐོན་པའི་སྐབས་ནང་མི་གཞན་རྣམས་ལ་ནད་རྟགས་མེད་ཚེ་ཉིན་ལྔ་དྲུག་གི་རྗེས་ལ་བརྟག་དཔྱད་བྱེད་དུ་བསྐྱོད་པ་ཡིན་ཚེ་ནད་འབུ་འགོ་ཡོད་མེད་ཀྱི་བརྟག་དཔྱད་ཁ་གསལ་ཐོན་ཐུབ་པའི་ཕན་ཐོགས་ཡོད་པ་དང་། ཏོག་དབྱིབས་གཉན་སྲིན་དེ་ཁྱབ་གདལ་མྱུར་བ་ཞིག་ཡིན་ནའང་ཕྱི་འགྲོ་ཉུང་ཙམ་བྱས་ན་དེ་ཡིས་སྔོན་འགོག་གི་ནུས་པ་ཆེ་བ་ཡོད་པའི་སྐོར་དངོས་མྱོང་ར་སྤྲོད་གནང་བ་ནས་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་བ་ཞིག་གསན་རོགས་གནང་།