བོད་པའི་བེུད་སྨན་རྫས་སློབ་གཉེར་བ་ཞིག་ལ་གསེར་གྱི་རྟགས་མ་ཐོབ་པ།

2023.01.03
བོད་པའི་བེུད་སྨན་རྫས་སློབ་གཉེར་བ་ཞིག་ལ་གསེར་གྱི་རྟགས་མ་ཐོབ་པ།
བསོད་ནམས་སྒྲོལ་མ།

བོད་པའི་བེུད་སྨན་རྫས་སློབ་གཉེར་བ་ཞིག་ལ་གསེར་གྱི་རྟགས་མ་ཐོབ་པ། བསོད་ནམས་སྒྲོལ་མ་ལགས་ནི་བོད་པའི་བེུད་ཤེས་ཡོན་གྱི་གྲུབ་འབྲས་ཡང་རྩེར་སོན་ཐོག་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གི་སློབ་ཡོན་སྣ་ཚོགས་ཐོབ་པ་དང་། རྒྱ་གར་རྒྱལ་ཡོངས་ཀྱི་སྨན་རྫས་འདེམས་རྒྱུགས་ནང་སློབ་ཕྲུག་རྩེ་གྲས་བཞི་ཁྲི་བརྒྱད་སྟོང་ཙམ་གྱི་ཁྲོད་ནས་ཚུད་རྒྱུགས་ཐོབ་སྐར་ལེགས་སོན་གྱིས་སློབ་ཕྲུག་སུམ་སྟོང་ཁོངས་སློབ་མ་རྩེ་ཕུད་ཆིག་སྟོང་ནང་ཚུད་ཡོད་ལ། སྨན་རྫས་ཉམས་ཞིབ་ཐོག་ལ་རིག་གནས་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན་ཏེ་ད་ཆ་འབུམ་རམས་པའི་ཉམས་ཞིབ་གནང་བཞིན་ཡོད་པ་རེད། དེ་ཙམ་མ་ཟད། འབུམ་རམས་པའི་སློབ་མཐར་སོན་རྗེས་ཉམས་ཞིབ་ཀྱི་ལས་དོན་དང་སློབ་གཉེར་མུ་མཐུད་གནང་རྒྱུ་ཡིན་པ་ཁོང་གིས་གསུངས་ཀྱི་འདུག་ལ། ཉེ་ལམ་ཁོང་ལ་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་གྲུབ་འབྲས་སུ་ཨང་ཀི་དང་པོ་གསེར་གྱི་རྟགས་མ་ཐོབ་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བསོད་ནམས་སྒྲོལ་མ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎