བལ་ཡུལ་གྱི་བོད་མིའི་གཞིས་ཆགས་རྩིབས་རི་ལོ་པཎ་དགོན་པའི་འབྲེལ་ཡོད་གནས་ཚུལ་ཞིབ་འགྲེལ་གསལ་བཤད་གནང་བ།

2024.10.30
བལ་ཡུལ་གྱི་བོད་མིའི་གཞིས་ཆགས་རྩིབས་རི་ལོ་པཎ་དགོན་པའི་འབྲེལ་ཡོད་གནས་ཚུལ་ཞིབ་འགྲེལ་གསལ་བཤད་གནང་བ།
Chakrasambhara five deity’s ritual and prayers

༄༅།་ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་བལ་ཡུལ་གྱི་ཤར་ཁུམ་བདེ་ལེགས་གླིང་བོད་མིའི་གཞིས་ཆགས་ནང་རྟེན་གཞི་གནང་བའི་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་རིན་པོ་ཆེ་མཆོག་གི་དགོན་པ་རྩིབས་རི་ལོ་པཎ་དགོན་མི་འགྱུར་འགྲོ་ཕན་གླིང་ནང་ལོ་ངོ་༦༥་རྗེས་སུ་སྐྱབས་རྗེ་ཤྼི་ཆུ་བཟང་རིན་པོ་ཆེ་མཆོག་(ShriChusangRinpoche)དང་རྩིབས་རི་ལོ་པཎ་རིན་པོ་ཆེ་མཆོག་ཀུན་བརྩེ་རིན་པོ་ཆེ་རིན་པོ་ཆེ་མཆོག་དང་ཤེལ་དཀར་ཆོས་སྡེའི་མཁན་པོ་མཆོག་་དེ་བཞིན་ཤྼི་ཆུ་བཟང་གྲ་ཚང་གི་སློབ་དཔོན་སོགས་གཙོ་བོར་འགྱུར་བའི་དགེ་འདུན་ཞལ་གྲངས་༡༥་ཙམ་ནས་བདེ་མཆོག་དྲིལ་བུ་ལྷ་ལྔའི་གྲུབ་མཆོད་ཆེན་མོ་ཉིན་གསུམ་རིང་འཚོགས་གནང་བའི་སྐོར་སྐྱབས་རྗེ་ཤྼི་ཆུ་བཟང་རིན་པོ་ཆེ་མཆོག་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང།།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎