སྔོན་འགྲོའི་འོས་བསྡུར་ཕྱིར་མིག་བལྟས་པ།
2015.10.20
༄༅། །དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་གནས་ཁག་ནང་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་ སྐབས་བཅུ་དྲུག་པའི་སྤྱི་འཐུས་ ཀྱི་སྔོན་འགྲོའི་འོས་བསྡུ་གནང་ཡོད་པས། བོད་མི་གནས་ཡུལ་ས་གནས་ཁག་ནང་གི་སྔོན་འགྲོའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཁག་གི་ཐོག་འདི་གའི་ས་གནས་ཀྱི་གསར་འགོད་པ་ཚོ་དང་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།