དབང་རྩ་ཉམས་པའི་ནད་པ་ཞིག་ལ་ཕག་པའི་མཁལ་མ་བཅུག་པ།
2024.02.20
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། འཛམ་གླིང་ནང་དུད་འགྲོ་སེམས་ཅན་གྱི་ནང་ཁྲོལ་ནད་པའི་ནང་བཅུག་པའི་གཤག་གཅོད་ཀྱི་ལག་རྩལ་དེ་དུས་ནམ་ཞིག་གསར་གཏོད་བྱུང་ཡོད་པ་དང་། དམིགས་བསལ་ཉེ་ཆར་ཨ་མི་རི་ཀའི་ནང་དབང་རྩ་ཉམས་པའི་ནད་པ་ཞིག་ལ་ཕག་པའི་མཁལ་མ་བཅུག་ནས་ཕག་པའི་མཁལ་མས་ལས་ཀ་ཇི་ལྟར་བྱེད་ཀྱི་ཡོད་མེད་ཚོད་ལྟ་བྱས་པར་བརྟེན་ནས་། ཕག་པའི་མཁལ་མ་ནི་མཁལ་མ་འཕྲོག་ལྷག་ཕྱིན་པའི་ནད་པའི་རིགས་ནས་སུ་ལ་ཕན་ཐོགས་ཆེ་ཤོས་ཡོད་མེད་སྐོར་གཡུ་སྒྲོན་ལགས་ཀྱིས་མཁལ་མའི་ཆེད་ལས་སྨན་པ་ཀུན་བདེ་གླིང་བསོད་ནམས་དཔལ་ལྡན་ལགས་སུ་བཀའ་འདྲི་ཞུས་པའི་དུམ་བུ་གཉིས་པ་མུ་མཐུད་ནས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།