ལེགས་སྦྱར་ལུགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་པ་ལཱི་ལུགས་ཀྱི་ནང་པའི་དགེ་འདུན་པའི་དབར་ལོ་ལྔ་ཚན་གྱི་ཕན་ཚུན་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་གྱི་སྐོར།

2024.06.11
ལེགས་སྦྱར་ལུགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་པ་ལཱི་ལུགས་ཀྱི་ནང་པའི་དགེ་འདུན་པའི་དབར་ལོ་ལྔ་ཚན་གྱི་ཕན་ཚུན་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་གྱི་སྐོར།
OHHDL

ལེགས་སྦྱར་ལུགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དང་པ་ལཱི་ལུགས་ཀྱི་ནང་པའི་དགེ་འདུན་པའི་དབར་ཕྱི་ལོ་ ༢༠༢༢ ནས་བཟུང་ལོ་ལྔ་ཚན་གྱི་ཕན་ཚུན་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་ཞིག་དབུ་འཛུགས་གནང་ཞིང་།  ཡུན་རིང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་གལ་ཆེན་ཞིག་ཀྱང་ཡིན་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་མཚོག་དང་།  བརྗེ་ལེན་གྱི་ལས་རིམ་འདིའི་ནང་ཞུགས་མྱོང་མཁན་དང་ཐོག་མའི་ལས་འཆར་སྒྲིག་མཁན་ཁོངས་སུ་ཡོད་པའི་རྒན་བསྟན་འཛིན་རྡོ་རྗེ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།། 

གསར་འགོད་པ། བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎