བསྟན་འཛིན་རྡོ་རྗེ་ལགས་སུ་ ༢༠༢༣ ལོའི་ཞབས་ཞུ་རྩེ་ཕུད་ཀྱི་གཟེངས་བསྟོད་བྱ་དགའ་ཐོབ་པ།
2023.12.12
ཨ་རིའི་ནུབ་ཕྱོགས་ཁེ་ལི་ཕོརནི་ཡ་ Fullerton དུ་ཆགས་པའི་ཁེ་ལི་ཕོརནི་ཡ་མངའ་སྡེའི་གཙུག་སློབ་ཆེན་གྱི་འབྲེལ་ལམ་རིག་པའི་སློབ་དཔོན་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་སུ་སློབ་ཆེན་དེའི་ཕྱི་ལོ་ ༢༠༢༣ ལོའི་ཞབས་ཞུ་རྩེ་ཕུད་ཀྱི་གཟེངས་བསྟོད་བྱ་དགའ་ཐོབ་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བསྟན་འཛིན་རྡོ་རྗེ་ལགས་དང་ལྷན་བྱ་དགའ་དེའི་རྒྱབ་ལྗོངས་དང་ཁོང་གི་མི་ཚེའི་ལོ་རྒྱུས་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།