ཐུབ་བསྟན་རང་འབྱུང་ལགས་ཀྱི་ལོ་རྒྱུས།


2015.04.13
ཐུབ་བསྟན་རང་འབྱུང་ལགས་ཀྱི་ལོ་རྒྱུས། འབའ་པ་ཐུབ་བསྟན་རང་འབྱུང་ལགས།
བོད་མིའི་ངག་རྒྱུན་ལས་འཆར།

༄༅༎ བཙན་བྱོལ་གྱི་མི་ཚེའི་ལེ་ཚན་ནང་། འབའ་པ་ཐུབ་བསྟན་རང་འབྱུང་ལགས་ཀྱི་ངག་རྒྱུན་ལས་ལེའུ་འདིའི་ནང་ཁོང་གི་ཕ་མའི་འཚོ་བའི་བྱ་གཞག་གཙོ་བོ་དེ་ས་ཞིང་འདེབས་ལས་དང་སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་གནང་རྒྱུ་དེ་ཡིན་སྐོར་སོགས་ཁོང་གིས་ཇི་ལྟར་གསུང་པའི་ལོ་རྒྱུས་ལས་སྙིང་བསྡུས་ཤིག་འབེན་པ་སྟོབས་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་གི་རེད།

༄༅༎ བཙན་བྱོལ་གྱི་མི་ཚེའི་ལེ་ཚན་ནང་། འབའ་པ་ཐུབ་བསྟན་རང་འབྱུང་ལགས་ཀྱི་ངག་རྒྱུན་ལས་ལེའུ་འདིའི་ནང་ཁོང་གི་ཕ་མ་རྣམ་གཉིས་ཀྱིས་ཁོང་ས་གནས་ཀྱི་དགོན་པར་གྲྭ་པར་བཅུག་པ་དང་། དགོན་པའི་ནང་སྡོམ་པ་རིམ་པ་ལེན་པའི་སྐོར་ཁོང་གིས་ཇི་ལྟར་གསུང་པའི་ལོ་རྒྱུས་ལས་སྙིང་བསྡུས་ཤིག་འབེན་པ་སྟོབས་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་གི་རེད།

༄༅༎ བཙན་བྱོལ་གྱི་མི་ཚེའི་ལེ་ཚན་ནང་ཐུབ་བསྟན་རང་འབྱུང་ལགས་ཀྱི་ངག་རྒྱུན་ལས་ལེའུ་འདིའི་ནང་ཁོང་དགུང་ལོ་༡༦ སོན་སྐབས་གདན་ས་ཆེན་པོ་དགའ་ལྡན་གྱི་གྲ་སར་ཞུགས་ཕྱིར་ཕེབས་པ་དང་། དེའི་སྔོན་ནས་ཁོང་གི་འཁྲུངས་ཡུལ་དུ་རྒྱ་ནག་གི་བཙན་འཛུལ་དམག་དཔུང་སླེབས་པ་ཁོང་གིས་གཟིགས་ཡོད་པའི་སྐོར་འབེན་པ་སྟོབས་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་གི་རེད།

ལིའུ་བཞི་པ་གཤམ་ལ་གསན་རོགས།

ལིའུ་མཐའ་མ་གཤམ་ལ་གསན་རོགས།


གསར་འགོད་པ་དབུ་འཛིན་གཞོན་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎