ཨ་རིའི་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་སློབ་གྲྭ་༢༠༢༥ ལོར་དབུ་འཛུགས་གནང་རྒྱུ།
2024.09.18
ཤེས་ཡོན་སློབ་གསོའི་ལེ་ཚན་ནང་། ཨ་མི་རི་ཀའི་མངའ་སྡེ་མི་ཎི་སོ་ཊའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་བཞིན་སྤྱི་སེམས་བཟང་གསུམ་གྱི་ཤེས་ཡོན་སློབ་གསོ་སློབ་འཁྲིད་གནང་སའི་དམིགས་བསལ་སློབ་གྲྭ་དབྱིན་སྐད་དུ་ Ocean of Wisdom ཞེས་པ་དེ། དུས་སང་སྟོན་དུས་འགོ་འཛུགས་གནང་རྒྱུའི་གྲ་སྒྲིག་གནང་བཞིན་ཡོད་པའི་སྐོར་དམིགས་བསལ་སློབ་གྲྭ་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་ཐུབ་བསྟན་ཟླ་གྲགས་ལགས་དང་ངག་དབང་སྒྲོལ་དཀར་ལགས་རྣམས་གཉིས་ཀྱིས་གསུང་པ་འདི་གའི་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།