སྔ་འགྱུར་རྙིང་མའི་ཉམས་ཞིབ་བསྟི་གནས་ཁང་།
2014.03.22

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་སྔ་འགྱུར་རྙིང་མའི་ཉམས་ཞིབ་བསྟི་གནས་ཁང་གི་ངོ་དེབ།
༄༅༎སྤྱི་ལོ་ ༢༠༡༤ ཟླ་བ་ ༠༣ ཚེས་ ༢༠ ཉིན། ཞིང་གཤེགས་དམ་པ་༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་དང་། མཁན་ཆེན་དགེ་བའི་བཤེས་གཉེན་རྣམས་ཀྱིས་དགོངས་བཞེད་གཞིར་བཟུང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་སྔ་འགྱུར་རྙིང་མའི་ཉམས་ཞིབ་བསྟི་གནས་ཁང་ཞིག་གསར་བཙུགས་གནང་ཡོད་པའི་སྐོར། མཁན་པོ་བསོད་ནམས་ཚེ་དབང་ལགས་དང་མཁན་པོ་ཨོ་རྒྱན་རིག་འཛིན་དེ་བཞིན་ཉམས་ཞིབ་པ་སློབ་དཔོན་མ་ཀརྨ་དབྱངས་ཅན་བཅས་རྣམ་པ་གསུམ་དང་ལྷན་དུ་སྐལ་ལྡན་བློ་གྲོས་ལགས་ཀྱིས་འབྲེལ་ཡོད་གནས་ཚུལ་ཐད་བཀའ་མོལ་ཞུས་པར་གསན་རོགས།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་སྔ་འགྱུར་རྙིང་མའི་ཉམས་ཞིབ་བསྟི་གནས་ཁང་གསར་བཙུགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མཁན་པོ་བསོད་ནམས་ཚེ་དབང་ལགས་ཀྱིས་གསུང་བཤད་གནང་བ།
གསར་འགོད་པ་སྐལ་ལྡན་བློ་གྲོས།