ཏོག་དབྱིབས་ནད་འབུ་དང་འབྲེལ་བའི་ནད་ཡམས།


2020.01.25
ཏོག་དབྱིབས་ནད་འབུ་དང་འབྲེལ་བའི་ནད་ཡམས། བོད་ལུགས་དང་ཕྱི་ལུགས་སྨན་པ་གཉིས་ནས་ཏོག་དབྱིབས་ནད་འབུའི་སྐོར་གླེང་བ།
Photo: RFA

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  Coronavirus ཞེས་རྒྱ་ནག་ཧུ་པའེ་ཞིང་ཆེན་གྱི་རྒྱལ་ས་ ཝུའུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་ནད་འབུ་དང་འབྲེལ་བའི་ནད་ཡམས་ཀྱི་ངོ་བོ་དང་དེར་སྔོན་འགོག་བྱ་ཚུལ།  དེ་བཞིན་ནད་འདིའི་ཉེན་ཚབས་བཅས་ཀྱི་སྐོར་ཕྱི་ལུགས་སྨན་པ་ཨ་རིའི་ཇོན་ཧོཔ་ཀིཎསྀ་གཙུག་ལག་སློབ་གཉེར་ཁང་ནང་ཉམས་ཞིབ་གནང་བཞིན་པ་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་དང་།  ཁེ་ན་ཌ་ཊོ་རོན་ཊོ་ནས་བོད་ཀྱི་གསོ་རིག་སྨན་པ་ཁྲི་ཀ་མཁྱེན་རབ་རྒྱ་མཚོ་ལགས་གཉིས་དང་ལྷན་ལས་རིམ་གཙོ་སྐྱོང་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎