དྲན་ཤེས་ཉམས་པའི་འབྱུང་རྐྱེན་དང་། ནད་རྟགས། སྔོན་འགོག་སྐོར་ངོ་སྤྲོད་གནང་བ།
2022.12.08

གཟའ་ལྷག་པའི་ཆེད་བསྒྲིགས་ལེ་ཚན་ནང་། Alzheimer འམ་དྲན་ཤེས་ཉམས་པའི་ནད་བཅོས་ཐབས་ཀྱི་སྨན་གསར་པ་ཞིག་བཟོ་བསྐྲུན་ཐུབ་པ་དང་། སྨན་གསར་པས་དྲན་ཤེས་ཉམས་པ་འགོག་ཐུབ་པའི་ཕན་ནུས་ཆེན་པོ་ཡོང་རྒྱུ་ཡིན་པའི་རེ་བ་གནང་བཞིན་ཡོད་པས། དྲན་ཤེས་ཉམས་པའི་འབྱུང་རྐྱེན་དང་། ནད་རྟགས། སྔོན་འགོག་ཆེད་རྒྱུན་དུ་ཟས་བཅུད་དང་སྤྱོད་ལམ་བསྟེན་ཕྱོགས་ལ་དོ་སྣང་ཇི་ལྟར་བྱ་དགོས་པའི་སྐོར་ཨ་རིའི་ནང་བཅའ་བཞུགས་རྒས་ནད་བཅོས་ཐབས་ཀྱི་ཉམས་ཞིབ་པ་སྨན་པ་ཚེ་དབང་དངོས་གྲུབ་ལགས་སུ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག