བཙན་བྱོལ་ནང་རེ་བ་འཚོལ་བའི་བོད་ཅེས་བའི་ཞི་བདེ་ལྷན་ཚོགས།


2014.04.04
Gustavus Adolphusགཙུག་ལག་སློབ་གྲྭས་སྤེལ་བའི་བཙན་བྱོལ་ནང་རེ་བ་འཚོལ་བའི་བོད་ཅེས་བའི་ཞི་བདེ་ལྷན་ཚོགས་ཀྱི་ཀྱབ་བསྒྲགས་པར་ངོས། ༢༠༡༤།༤།༣། Gustavus Adolphusགཙུག་ལག་སློབ་གྲྭས་སྤེལ་བའི་བཙན་བྱོལ་ནང་རེ་བ་འཚོལ་བའི་བོད་ཅེས་བའི་ཞི་བདེ་ལྷན་ཚོགས་ཀྱི་ཀྱབ་བསྒྲགས་པར་ངོས། ༢༠༡༤།༤།༣།
པར། དྲ་བཤུས།

ཨ་རིའི་Minnessotaམངའ་སྡེ་ནང་ད་ལོར་བཙན་བྱོལ་ནང་རེ་བ་འཚོལ་བའི་བོད་ཞེས་བའི་ཞི་བདེ་ལྷན་ཚོགས་གནང་རྒྱུ་ཡིན་འདུག
གནས་ཚུལ་ནང་གསལ་ལྟར་ན། འཛམ་གླིང་གི་ཕྱོགས་གང་སར་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་དང་། སྤྱི་ཚོགས་དྲང་བདེན་བཅས་ཀྱི་གནད་དོན་རིགས་ལ་འབུར་འདོན་ཆེད། ༡༩༨༡ལོར་འགོ་འཛུགས་གནང་སྟེ། ཨ་རིའི་Minnessotaམངའ་སྡེ་ནང་གི་Gustavus Adolphusགཙུག་ལག་སློབ་གྲྭར་MAYDAY Peace conferenceཞེས་ཞི་བདེའི་ལྷན་ཚོགས་ཞིག་ལོ་ལྟར་ཕྱི་ཟླ་༤པའི་མཇུག་ཙམ་དང་། ཡང་ན་ཕྱི་ཟླ་༥པའི་འགོ་སྟོད་ལ་གོ་བསྒྲིགས་ཞུ་སྲོལ་ཡོད་པ་དང་། ད་ལོའི་ཞི་བདེ་ལྷན་ཚོགས་ཐེངས་༣༤པ་དེ་ཕྱི་ཟླ་༤པའི་ཚེས་༣༠ཉིན་བཙན་བྱོལ་ནང་རེ་བ་འཚོལ་བའི་བོད་ཞེས་བའི་བརྗོད་གཞི་གཙོ་བོ་བྱས་ནས་ཞི་བདེ་ལྷན་ཚོགས་གནང་རྒྱུ་ཡིན་འདུག གོ་བསྒྲིགས་ཞུ་རྒྱུ་ཡིན་འདུག་ལ་ལྷན་ཚོགས་ཀྱི་བརྗོད་གཞི་ཡང་བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་ཀྱི་གནད་དོན་བཅས་ལ་གོ་རྟོགས་གཏམ་བཤད་དང་བགྲོ་གླེང་། བོད་ཀྱི་རིག་གནས་དང་སྒྱུ་རྩལ་འགྲེམས་སྟོན། དེ་བཞིན་བཙན་བྱོལ་དུ་གནས་པའི་བོད་མིའི་སྤྱི་ཚོགས་ཀྱི་མྱོང་ཚོར་སོགས་འབུར་འདོན་གནང་རྒྱུ་ཡིན་འདུག གོང་གསལ་གཙུག་ལག་སློབ་གྲྭས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཞི་བདེ་ལྷན་ཚོགས་དེའི་ཐོག་རྒྱ་གར་ནས་༧གོང་ས་ཏྭ་ལའི་བླ་མའི་ཆེས་མཐོའི་སློབ་གཉེར་ཁང་གི་དབུ་འཛིན་B. Tsering ལགས་དང་། Gustavusམཐོ་རིམ་སློབ་གྲའི་སྐྱེས་དངོས་རིག་པའི་དགེ་རྒན་དགོན་གསར་ངག་དབང་གཡུ་སྒྲོན་ལགས། Minnesota གཙུག་ལག་སློབ་གྲྭའི་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་ནོར་འཛིན་དབང་མོ་ལགས། ཨ་རིའི་དབུས་ནུབ་རྒྱུད་ཁུལ་གྱི་བོད་རང་དབང་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བསྟན་འཛིན་བསོད་ནམ་ལགས་བཅས་ནས་བོད་དོན་གོ་རྟོགས་ཀྱི་གཏམ་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག གཞན་ཡང་ཞི་བདེ་ལྷན་ཚོགས་ཀྱི་དུས་སྟོན་དེའི་ཐོག་རྒྱུད་སྟོད་གྲ་ཚང་གི་དགེ་འདུན་པ་ཁག་ཅིག་ནས་རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་གནང་རྒྱུ་སོགས་ལས་རིམ་ནང་གསལ་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎