གནའ་དེང་འདྲེས་མའི་རི་མོ་བ་དང་པར་རི་བྱུས་འགོད་པ།

2024.08.15
གནའ་དེང་འདྲེས་མའི་རི་མོ་བ་དང་པར་རི་བྱུས་འགོད་པ།
བློ་བཟང་ཚེ་དབང་།

བློ་བཟང་ཚེ་དབང་ལགས་ནི་རི་མོ་བ་དང་པར་རི་བྱུས་འགོད་པ་ཞིག་ཡིན་ལ། ཁོང་ལ་མཚོན་ན་སྒྱུ་རྩལ་གྱི་འགྲུལ་བཞུད་མཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་། ཆུང་དུས་བོད་མི་སྐྱབས་བཅོལ་བའི་གཞིས་སྒར་ཞིག་ཏུ་འཚར་ལོངས་བྱུང་ཞིང་། སློབ་གྲྭའི་དགུང་སེང་སྐབས་ཁོང་གི་སྤུན་མཆེད་དང་མཉམ་དུ་སྤུན་མཆེད་ཀྱི་དགོན་པའི་འཚོ་བ་ལ་རོལ་སྐབས། ཚེ་དབང་ལགས་སུ་དགོན་པའི་ལྡེབས་རིས་ལས་རི་མོའི་ཐོག་ལ་བློ་བསྐྱེད་ཐོབ་ནས། ཁོང་གི་རི་མོའི་བརྩམས་ཆོས་དེ་དག་གི་ནང་དུ་ས་གཞིའི་ཉམས་འགྱུར་དང་། རྟོག་བཟོ་བྱས་པའི་ལྷ་དང་མི་མ་ཡིན་ལ་སོགས་པ་འགྲོ་བ་མིའི་ཉིན་རེའི་བྱ་གཞག་དང་འབྲེལ་བ་ཡོད་པར་བཀོལ་སྤྱོད་ཀྱིས། བོད་བརྒྱུད་ནང་བསྟན་གྱི་རི་མོར་མཚུངས་བསྡུར་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༧ ལོར། ཁོང་གིས་ "Humanize the Idealized" ཞེས་ཡིད་སྨོན་སྐྱེས་པའི་འཆར་སྣང་དེ་མིའི་སྣང་ཚུལ་དུ་བཀོད་རྒྱུ་མགོ་བརྩམས་ཏེ། ནང་པའི་ཆོས་ལུགས་ལ་གོ་རྟོགས་ཇེ་ཟབ་ཏུ་གཏོང་རྒྱུར་ལས་འཆར་ཞིག་འགོ་འཛུགས་གནང་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་དེ་གསན་གནང་གི་རེད།།

Photo 2.jpg


གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎