ང་ཚོའི་ལོ་རྒྱུས་དེ་ང་རང་ཚོའི་ངོས་ནས་བཤད་ཐུབ་དགོས།
2023.09.07
སྤྱིར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་། ང་རང་ཚོ་སོ་སོའི་སྒྲུང་དང་ལོ་རྒྱུས་དེ་དག་སྒྱུ་རྩལ་གྱི་ལམ་བུ་གང་ཞིག་གི་ཐོག་ནས་ཡིན་ཀྱང་རུང་། ང་རང་ཚོ་བོད་པ་རང་གི་ངོས་ནས་བཤད་ཐུབ་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཡིན་པ་བོད་པའི་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་དང་དངོས་བྱུང་གློག་བརྙན་བཟོ་བསྐྲུན་པ་དགེ་ལེགས་དཔལ་་བཟང་ལགས་ཀྱི་ངོས་འཛིན་གནང་གི་འདུག དེ་དང་འབྲེལ་བའི་སྐོར་ལ་ཐོག་མར་དགེ་ལེགས་དཔལ་བཟང་ལགས་སུ་གློག་བརྙན་བཟོ་བསྐྲུན་གྱི་སྒྱུ་རྩལ་ལམ་ལ་འཇུག་སྟངས་དང་། བཙན་བྱོལ་བོད་མིའི་ཁྲོད་གློག་བརྙན་བཟོ་སྐྲུན་གནང་མཁན་ཞིག་གིས་གདོང་ལེན་གནང་དགོས་ཇི་ཡོད་སྐོར་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པའི་ལེའུ་དང་པོ་འདི་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་དབྱངས་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།