བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་སྐར་མ་རི་ཥིའི་འབྱུང་རིམ།
2021.09.13
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་།
དམངས་ཁྲོད་དུ་ལོ་ལྟར་བོད་ཟླ་བརྒྱད་པའི་ནང་སྐར་མ་རི་ཥི་འམ་སྐར་མ་འདོད་པ་འཆར་བའི་སྐབས་ཆུ་རྒྱུན་རྣམས་བདུད་རྩིར་འགྱུར་ནས་འཁྲུས་ལ་སོགས་པ་ཞུགས་ཚེ་ཕན་ཡོན་ཆེན་པོ་ཡོད་ལུགས་ངོས་འཛིན་བྱེད་པ་ལྟར།
བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་སྐར་མ་རི་ཥི་འབྱུང་རིམ་དང་།
སྨན་ཆུར་འགྱུར་ཚུལ་ལོ་རྒྱུས་ངོས་འཛིན་གནང་སྟངས་སྐོར་དཔལ་སྤུངས་རིག་གནས་མཐོ་སློབ་ཀྱི་སློབ་དགེ་ཆེན་མོ་སྨན་རམས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས་ཀྱིས་ངོ་སྤྲོད་གནང་
བ་ནས་གཡུ་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།།