འཕྲུལ་རིག་འཕེལ་རྒྱས་དང་བོད་མི་གཞོན་སྐྱེས་ཁྱད་ལས་པ།

2024.01.06
འཕྲུལ་རིག་འཕེལ་རྒྱས་དང་བོད་མི་གཞོན་སྐྱེས་ཁྱད་ལས་པ།
དབུས་བོད་མིའི་སྒྲིག་འཛུགས།/སྒྲིག་བཟོ།

ཕྱི་ལོ་ ༢༠༢༤ ཚེས་ ༠༡ ཚེས་ ༣ ནས་ ༤ བར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་བརྡ་འཕྲིན་འཕྲུལ་རིག་ཆེད་ལས་པའི་ཚོགས་འདུ་ཐེངས་གཉིས་པ་བསྐོང་ཚོགས་གནང་འདུག  འཛམ་གླིང་ནང་འཕྲུལ་རིག་སྡེ་ཚན་དང་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་ནི་ཚོང་དོན་དང་དགོས་མཁོ་གང་ཅིའི་ཐོག་ནས་གནད་འགག་བརྩིས་ཡུལ་དུ་གྱུར་ཞིང་།  སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ཀྱི་ཐོག་ནས་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་བཞིན་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བོད་མི་གཞོན་སྐྱེས་འཕྲུལ་རིག་ཁྱད་ལས་པ་ཚོས་གྲངས་རྩིས་ཁྲོམ་རྭ་དང་འཕྲུལ་རིག་སྡེ་ཁག་ནང་ལས་དོན་གཉེར་ཕྱོགས་བཅས་ཀྱི་ཐད་འཕྲུལ་རིག་ཆེད་ལས་པ་བསྟན་འཛིན་རྣམ་དག་ལགས་དང་།  བསྟན་འཛིན་འཕེལ་རྒྱས་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎