བོད་ཀྱི་ཆབ་སྲིད་བཙོན་ཟུར་པ་བསོད་ནམས་ཆོས་འཕེལ་ལགས།
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དྲག་པོའི་བཙན་འཛུལ་བྱས་པའི་རྗེས་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་ཆོས་འཕེལ་ལགས་བོད་ནང་རྒྱའི་བཙོན་ཁང་འདྲ་མིན་ནང་མི་ལོ་ ༢༠ ལྷག་རིང་བཙོན་འཇུག་གི་དཀའ་སྔུག་མྱོང་དགོས་བྱུང་བ་དང་གློད་གྲོལ་ཐོབ་ནས་ཡུན་རིང་མ་སོང་བར་རྒྱ་གར་ནང་གཉེན་འཕྲད་དུ་ཕེབས་ཡོད་པ་དང་། མཐར་བོད་ལ་ཕར་ཕྱིར་ལོག་མི་གནང་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་ཀྱིས་ལོ་ངོ་ ༢༨ རིང་ཞབས་ཞུ་བསྒྲུབས་མྱོང་ཡོད་པ་རེད། ཐེངས་འདིའི་ལེ་ཚན་ནང་། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་དུས་སྐབས་དང་བསྟུན། བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱི་བཙོན་ཁང་ནང་གི་མི་ཚེའི་མྱོང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག །