ཝིཡེཏ་ནམ་ནས་ཡིན་པའི་དགེ་བཤེས་དཀོན་མཆོག་འོད་ཟེར་ལགས་ཀྱི་མི་ཚེའི་ལོ་རྒྱུས།
2022.12.03

དགེ་བཤེས་དཀོན་མཆོག་འོད་ཟེར་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོཊ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འཁྲིས་སུ་ཆགས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་དགེ་བཤེས་ལྷ་རམས་པ་ཐོན་མཁན་ཝིཡེཏ་ནམ་མི་རིགས་ཐོག་མར་འདི་ཆགས་ཡོད་ཅིང་། ཁོང་གི་མི་ཚེ་ནང་བླ་ཏི་རིན་པོ་ཆེས་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་པ་ཞིག་ཡིན་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དགེ་བཤེས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་ནང་ཆོས་ལ་དོན་གཉེར་སླེབས་སྟངས་དང་། འདས་པའི་ལོ་ངོ་ ༢༣ ནང་གི་སློབ་གཉེར་དང་འབྲེལ་ནས་བཀའ་དྲི་ཞུས་པའི་དམིགས་བསལ་ལས་རིམ་ཞིག་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག