༧སྐྱབས་རྗེ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས།

2022.12.13
༧སྐྱབས་རྗེ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས།
སྤྱི་ཚོགས་དྲ་ལམ།

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧དགའ་ལྡན་ཁྲི་ཐོག་ ༡༠༢ པ་༧སྐྱབས་རྗེ་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་རྗེས་ཐུགས་དམ་དུ་བཞུགས་ཏེ་ཉིན་གསུམ་རྗེས་ཐུགས་དམ་གྲོལ་ཡོད་ཅིང་། དད་ལྡན་སློབ་མ་དང་ལ་དྭགས་ནང་པ་ཚོགས་པ་བཅས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རིན་པོ་ཆེའི་སྐུ་དམར་གདུང་བཞེངས་དགོས་པའི་ལམ་སྟོན་ཕེབས་པ་མ་ཟད། ཡང་སྲིད་མྱུར་བྱོན་གྱི་གསོལ་འདེབས་ལྗགས་རྩོམ་མཛད་གནང་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་རི་རྫོང་བླ་བྲང་ནས་ལ་དྭགས་ལྡུམ་ར་བསམ་གཏན་གླིང་ནས་ཕེབས་པ་རྒྱུད་སྨད་སྔགས་རམས་པ་ཐུབ་བསྟན་ཆོས་བཟང་ལགས་དང་ལྷན་རིན་པོ་ཆེའི་མཛད་རྣམ་འབྲེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎