དབལ་ཕུར་བོན་སྐོར་ལ་དཔྱད་པ།
2024.03.05

གཡུང་དྲུང་བོན་གྱི་བྱེས་ཀྱི་གདན་ས་སྨན་རི་གླིང་དུ་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་ཞིབ་འཇུག་གི་སྡེ་ཚན་ཞིག་གསར་འཛུགས་ཀྱིས་འདི་ལོ་དགེ་བཤེས་དང་སློབ་མ་ ༥ ཡིས་དཔྱད་པའི་གནས་འདྲ་མིན་ལ་ཞིབ་འཇུག་གནང་ཡོད་ཅིང་། དགེ་བཤེས་དབྲ་ཚ་ཤེས་རབ་གྲགས་པ་ལགས་ཀྱིས་ (དབལ་ཕུར་བོན་སྐོར་ལ་དཔྱད་པ་) ཞེས་པའི་ཉམས་ཞིབ་གནང་སྟེ་བརྩམས་ཆོས་དེའི་ཐོག་ཕྱག་དེབ་གཅིག་འདོན་སྤེལ་གནང་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དགེ་བཤེས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག