ཐེ་ཝན་ལ་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་༤པ་ཚོགས་འདུག


2014.04.03
ཐེ་ཝན་ལ་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་༤པ་ཚོགས་བཞིན་པ། ༢༠༡༤།༤།༢ ཐེ་ཝན་ལ་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་༤པ་ཚོགས་བཞིན་པ། ༢༠༡༤།༤།༢
པར། འཕྲིན་ལས།

ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་ཐེ་ཝན་ལ་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་༤པ་ཚོགས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག  ཕྱི་ཟླ་བཞི་པའི་ཚེས་༢ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་༤པ་སྐོང་ཚོགས་གནང་ཡོད་པ་དང་། བགྲོ་གླེང་ཐོག་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་དང་། བཙུན་མ། ས་གནས་བོད་རིགས་སློབ་མ་དེ་བཞིན་ནང་བསྟན་ཞིབ་འཇུག་ཚོགས་པའི་རྒྱུན་ལས་བཅས་མི་གྲངས་༣༠ཙམ་མཉམ་ཞུགས་གནང་ཡོད་འདུག   

ཐེངས་འདིའི་བགྲོ་གླེང་ཐོག་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞིབ་འཇུག་ཚོགས་པར་གནང་བའི་བཀའ་ཤོག་གི་འབྲུ་དོན་འགའ་དང་འབྲེལ་ཏེ་དཔལ་ནྭ་ལེན་དྲའི་ཆོས་བརྒྱུད་དང་། བོད་བརྒྱུད་ནང་བསྟན་བར་གྱི་འབྲེལ་བ། མདོ་སྔགས་འགལ་མེད་ཀྱི་ཉམས་ལེན་ཐེ་ཝན་རྒྱ་བརྒྱུད་དང་བོད་བརྒྱུད་ནང་བསྟན་བར་གྱི་འབྲེལ་ལམ་ལེགས་བཅོས་གནང་ཕྱོགས། དེ་མིན་ནང་བསྟན་ཞིབ་འཇུག་ཚོགས་པས་ད་ལྟའི་གནས་སྟངས་དང་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐོག་བགྲོ་གླེང་གནང་ཡོད་པ་རེད་འདུག


གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎