བོད་ཀྱི་གནའ་རབས་དཔལ་ཡོན།
འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནི་ད་བར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལོ་མང་ཞབས་ཞུ་གནང་པའི་ཁྲོད་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་འགན་འཁུར་བཞེས་མྱོང་ཡོད་ཅིང་། ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་བཞེས་མུས་ཡིན་པ་རེད། ཁོང་གིས་ཉེ་བའི་ལོ་དུས་ནང་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་པའི་བརྒྱུད་རིམ་ཁྲོད། བོད་ཀྱི་ལོ་རྒྱུས་དང་དཔལ་ཡོན་གྱི་བྱུང་བ་ལ་གཟུ་བོར་གནས་པའི་ཐོག་ནས་ཉམས་ཞིབ་གཏིང་ཟབ་གནང་དགོས་ཚེ། གནའ་བོའི་བོད་ཀྱི་ས་སྐྱེས་རྡོ་སྐྱེས་མེས་པོ་ཚོས་བཤད་པའི་ལྷ་སྒྲུང་དང་ཡུལ་དེའི་མིའི་བྱུང་བ་གཤོད་ལུགས་ལ་གཞི་བཅོལ་ཏེ་ཉམས་ཞིབ་གནང་རྒྱུ་གལ་ཆེ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་གནའ་རབས་དཔལ་ཡོན་ཞེས་པའི་དབྱིན་ཡིག་ཐོག་ཕྱག་དེབ་རྩོམ་བྲིས་གནང་མཁན་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།