དྲ་ལམ་དང་བརྡ་འཕྲིན་བདེ་འཇགས་ཀྱི་སྲུང་སྐྱོབ།
2020.12.05
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱལ་སྤྱིའི་འཕྲུལ་རིག་བརྒྱུད་ལམ་གྲགས་ཅན་ཝཡེརྜ་གྱིས་འཛམ་གླིང་ནང་གསར་གཏོད་ལས་གཞི་རྩོམ་མཁན་ ༣༢ ཁོངས་སུ་མིང་འདོན་ཆེ་བསྟོད་ཞུ་ཡུལ་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས་འཕྲུལ་རིག་དང་བརྡ་འཕྲིན་བདེ་འཇགས་སྲུང་སྐྱོབ་ཀྱི་ཕྱག་ལས་དང་ཉམས་ཞིབ་བརྒྱུད་རིམ་ནང་། ཉེ་ལམ་བཙན་བྱོལ་བོད་མི་མང་བ་གནས་ཡུལ་རྒྱ་གར་སོགས་སུ་ཝི་ཅཊ་སྐད་འཕྲིན་བེད་སྤྱོད་བྱ་རྒྱུ་མེད་པ་བཀག་འགོག་བྱེད་པའི་རྗེས། བོད་མིའི་སྤྱི་ཚོགས་ཁྲོད་གློག་འཕྲིན་དང་དྲ་ལམ་བརྒྱུད་ནས་དྲ་འབུ་གཏོང་མཁན་གྱི་གྲངས་འབོར་ཕར་ཆ་བྱུང་བའི་ཐུགས་སྣང་བྱུང་བ་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་གི་འདུག གཤམ་ལ་དྲ་ལམ་དང་བརྡ་འཕྲིན་བདེ་འཇགས་ཀྱི་སྲུང་སྐྱོབ་ཐད་ཉེན་འགན་དང་མང་ཚོགས་ནས་འགན་འཁུར་བཞེས་ཕྱོགས་ཐད་འདི་གའི་ལས་བྱེད་བཀྲིས་དབང་ཕྱུག་ལགས་ཀྱིས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་དང་ལྷན་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།