བོད་རིགས་སློབ་ཕྲུག་རྣམས་ལ་རིགས་ལམ་གྱི་གོམས་འདྲིས་ཆེད་འདུ་འཛོམས་གནང་བ།
2022.09.13
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་ཐབས་སུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཕྱི་ཟླ་ ༩ ཚེས་ ༡ ནས་ ༧ བར་བོད་རིགས་སློབ་ཕྲུག་རྣམས་ལ་རིགས་ལམ་གྱི་གནས་ཚད་ཇེ་མཐོར་གཏོང་ཐབས་དང་། རིགས་ལམ་གྱི་གོམས་འདྲིས་ཆེ་རུ་གཏོང་ཐབས་སུ་དམིགས་པའི་སློབ་ཕྲུག་གི་འདུ་འཛོམས་ཤིག་གནང་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། འབྲས་སྤུངས་བློ་གསལ་གླིང་ཚན་རིག་སློབ་དཔོན་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་དང་། རིགས་ལམ་འདུ་འཛོམས་ནང་ཞུགས་མཁན་སློབ་ཕྲུག་བསྟན་འཛིན་དར་རྒྱས་ལགས་དང་བསྟན་འཛིན་ཡིད་འོང་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།