ཏོག་དབྱིབས་ནད་ཡམས་དང་བོད་སྨན་གྱི་རྫས་སྔགས་ཟུང་འབྲེལ་དགོས་སྐོར།
2020.03.27

༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་ན། ད་ལྟ་གོ་ལ་ཧྲོལ་བོར་ཁྱབ་དང་ཁྱབ་བཞིན་པའི་ཏོག་དབྱིབས་གློ་ཚད་ཀྱི་ནད་ཡམས་ལྟ་བུ་ལ་མཚོན་ན། ནད་ཡམས་དེའི་རྒྱུ་རྐྱེན་ཅི་ཞིག་ཡིན་པ་དང་། དེ་ཡི་ངོ་བོ་དང་རང་བཞིན། མི་ལ་ཇི་ལྟར་འགོ་བཞིན་ཡོད་པ་དང་། བཅོས་ཐབས་ཀྱི་ཆ་ནས་རྫས་དང་སྔགས་ཟུང་འབྲེལ་བྱེད་དགོས་པའི་རྒྱུ་མཚན། རང་སྲུང་དང་གཞན་སྲུང་བྱེད་ཕྱོགས་། དེ་མིན་ནད་ཡམས་དེ་བྱུང་ནས་དྲག་སྐྱེད་བྱུང་རྗེས། ནད་ཡམས་དེ་བྱུང་བའི་རྐྱེན་གྱིས་གཟུགས་གཞིའི་སྟོབས་དང་ཟུངས་ལ་གནོད་པ་ཡོད་མེད་ལ་སོགས་པའི་སྐོར། འབྲེལ་ཡོད་བོད་ལུགས་སྨན་པ་ཞིག་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན་ལ། ཞོར་ནས་རྒྱ་ནག་གི་ནད་ཡམས་ཆེད་མཁས་པས་བོད་སྨན་གྱིས་ཏོག་དབྱིབས་གློ་ཚད་ཀྱི་ནད་ཡམས་ལ་ཕན་ནུས་ཡོད་པ་ཁས་བླངས་ཡོད་པའི་ཐད་ད་ལྟ་ཨ་རི་གྲོང་ཁྱེར་ནིའུ་ཡོག་ན་བོད་སྨན་གྱི་ཕྱག་ལས་གནང་བཞིན་པའི་སྨན་པ་དཀོན་མཆོག་ཚེ་བརྟན་ལགས་ཀྱི་ལྷན་སྟག་ལྷ་རྒྱལ་ལགས་ཀྱིས་གླེང་བར་གསན་རོགས།།
གསར་འགོད་པ་སྟག་ལྷ་རྒྱལ།