སྲོལ་རྒྱུན་བོད་སྨན་དང་ཏོག་དབྱིབས་ནད་ཡམས།


2020.04.18
སྲོལ་རྒྱུན་བོད་སྨན་དང་ཏོག་དབྱིབས་ནད་ཡམས། ༸སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་དང་། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གནས་བཞུགས་ཉེ་ལམ་ཏོག་དབྱིབས་ནད་འབུ་གསར་པ་འགོས་ཏེ་བོད་སྨན་ཐོག་ནས་དྲག་སྐྱེད་བྱུང་བར་དོ་བདག་གིས་ངོས་འཛིན་ཞུ་བཞིན་པ་གསོ་རིག་སྨན་པ་དབང་འདུས་ལགས།
Photo: RFA

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཏོག་དབྱིབས་ནད་ཡམས་ཁྱབ་གདལ་རྒྱ་ཆེ་འགྲོ་བའི་སྐབས་འདིར་འཛམ་གླིང་གི་སྨན་ལས་དང་འཕྲོད་བསྟེན་གྱི་ཞབས་ཞུའི་ཁོངས་བོད་ཀྱི་གསོ་བ་རིག་པའི་ཕན་སྐྱེད་གང་ཙམ་བསྒྲུབས་དང་སྒྲུབ་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་བཞིན་ཡོད་པ་ལྟར།  ད་ལྟའི་དུས་འདིར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐོག་ནས་སྔོན་ཐོན་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་དམིགས་བསལ་བ་ཞིག་ཡོད་པ་འདི་དམ་འཛིན་བྱེད་ཕྱོགས་དང་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་ཆེ་མཐོང་གོང་སྤེལ་གཏོང་ཕྱོགས་ཐད།  བཞུགས་སྒར་རྡ་རམ་ས་ལ་ནས་བོད་ཀྱི་སྨན་རྩིས་ཁང་གི་༧སྐུའི་བླ་སྨན་པ་ལྷ་རྗེ་ཚེ་དབང་རྟ་མགྲིན་ལགས་དང་།  ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གནས་བཞུགས་ཉེ་ལམ་ཏོག་དབྱིབས་ནད་འབུ་གསར་པ་འགོས་ཏེ་བོད་སྨན་ཐོག་ནས་དྲག་སྐྱེད་བྱུང་བར་དོ་བདག་གིས་ངོས་འཛིན་ཞུ་བཞིན་པ་གསོ་རིག་སྨན་པ་དབང་འདུས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎