སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཨཕ་རི་ཀའི་རྒྱལ་ཁབ་ཁག་གི་ནང་ཆོས་ལུགས་ཕུན་ཚུན་མཐུན་སྒྲིལ་ཆེད་བགློ་གླེང་དང་གསུང་བཤད་གནང་ཡོད་པ
2023.02.10

ཡོ་རོབ་བོད་མི་མང་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ཕྱི་ཟླ་ དང་པོའི་ཚེས་ ༡༨ ནས་ ཕྱི་ཟླ་ ༢ ཚེས་༢ བར་གཟའ་འཁོར་གཉིས་ལྷག་གི་རིང་དུ་ཨ་ཕི་རི་ཀའི་རྒྱལ་ཁབ་ GAMBIA དང་ SENEGAL གཉིས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བཞིན་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དམ་ཟབ་ཡོང་ཆེད་དུ་ ISLAM ཁ་ཆེའི་ཆོས་ལུགས་དང་ནང་པ་གཉིས་ཀྱི་བར་འཆམ་མཐུན་དང་གོ་རྟོགས་འཕེལ་ཆེད་ཁ་ཆེའི་བླ་ཆེན་ཁག་དང་སློབ་གྲྭ་ཁག་ལ་བཟང་སྤྱོད་དང་ཞི་བདེའི་ཆེད་བགྲོ་གླེང་དང་གཏམ་བཤད་གང་མང་གནང་རྒྱུའི་གོ་སྐབས་བྱུང་བ་སོགས་ཀྱི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་ཁོང་ལ་བཅར་འདྲི་ཞུས་ཏེ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག