སྤྱི་སེམས་ཐེབས་རྩ་ཚོགས་པའི་སྐོར།
2024.12.20
བོད་པའི་སྤྱི་ཚོགས་ནང་སེམས་ཀྱི་འཕྲོད་བསྟེན་དང་སེམས་ངལ་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་ཆེད། ཕྱི་ལོ་༢༠༢༢་ལོར་བོད་རིགས་གཞོན་སྐྱེས་མཐོ་སློབ་ཀྱི་སློབ་མ་ཁག་གཅིག་གིས་སྤྱི་སེམས་ཐེབས་རྩ་ཚོགས་པ་གསར་འཛུགས་གནང་ནས་ད་བར་ལས་འགུལ་སྣ་མང་ཞིག་གནང་མུས་ཡིན་པ་དང་། ལྷག་པར་དུ་མི་རབས་གཞོན་པའི་སེམས་ཁམས་ཀྱི་དཀའ་ངལ་གཙོ་བོ་དམིགས་ཡོད་ཅེས་སྤྱི་སེམས་ཐེབས་རྩ་ཚོགས་པའི་འགན་འཛིན་ལྷ་མོ་ཆོས་སྒྲོན་ལགས་ཀྱིས་གསུངས་ཡོད་པ་སོགས་ཀྱི་སྐོར་ལ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།