དྲག་པོའི་སྲེག་སྦྱོར་ལྕགས་མཁར་ཆེན་མོའི་གཏོར་རྒྱག་ཆེན་མོ།

2023.02.18
དྲག་པོའི་སྲེག་སྦྱོར་ལྕགས་མཁར་ཆེན་མོའི་གཏོར་རྒྱག་ཆེན་མོ།
སྟོད་རྒྱུད་གྲྭ་ཚང་།

དཔལ་གསང་ཆེན་རིག་འཛིན་གྱི་སྡེ་ཆེན་སྟོད་རྒྱུད་གྲྭ་ཚང་གིས་ལོ་ལྟར་རྒྱལ་བསྟན་སྤྱི་དང་།  བྱེ་བྲག་ཏུ་བསྟན་འཇིན་ཀུན་གྱི་གཙུག་རྒྱན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། བོད་བསྟན་སྲིད་ཀྱི་ཆེད་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་ཞབས་རིམ་རྒྱུད་རྟོགས་བདུན་གྱི་དགོངས་དོན་བཞིན་དྲག་པོའི་སྲེག་སྦྱོར་ལྕགས་མཁར་ཆེན་མོའི་གཏོར་རྒྱག་ཆེན་མོ་བསྐྱོན་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་།  ས་གནས་མི་མང་ཕོན་ཆེ་འདུ་འཛོམས་གནང་པ་བྱུང་ཡོད་པ་རེད།  གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་གངས་དཀར་སྤྲུལ་སྐུ་བློ་བཟང་དཀོན་མཆོག་བསྟན་འཛིན་མཆོག་ལ་གཏོར་རྒྱག་འདིའི་ཁྱད་ཆོས་དང་དགེ་ཕན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎