བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་སྲོལ་ལ་ལོ་རྒྱུས་ཀྱི་བྱུང་བ།
གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་སྲོལ་ལ་ལོ་རྒྱུས་ཀྱི་བྱུང་བའི་ཐོག་ནས་འགྱུར་བ་དང་རྣམ་གྲངས་སོགས་མང་པོ་ཡོད་ཀྱང་། ལོ་གསར་གྱི་དུས་སྟོན་སྐབས་ཕ་མ་སྤུན་མཆེད་ཚང་འཛོམས་ཀྱི་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་དུས་ཚིགས་ཁྱད་པར་བ་ཞིག་ཡིན་པ་དང་། ལོ་གསར་པའི་ནང་ནད་དང་འགེགས་བར་མེད་པར་བཀྲིས་ལོ་ལེགས་ཡོང་བའི་རྟེན་འབྱུང་ཀྱི་བྱེད་སྒོར་ཞུགས་པའི་དུས་སྟོན་ཞིག་ཀྱང་ཡིན་པ་རེད། ལོ་རྒྱུས་ཀྱི་བྱུང་བའི་ཁྲོད་ནས་བོད་ཀྱི་ལོ་གསར་གཏོང་སྲོལ་དང་ཡུལ་ལུང་སོ་སོའི་གོམས་གཤིས་ནང་དུའང་རྣམ་གྲངས་འདྲ་མིན་ཡོད་པས། ཐེངས་འདིའི་ལས་རིམ་འདིའི་ནང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གྲྭའི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་སུ་འདི་གའི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལས་ཞུས་པ་ཞིག་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།