འདོན་བྱ་འདྲ་མིན་གྱི་འཁྲབ་སྟོན་སྒྱུ་རྩལ་བའི་ཆེད་ལས།

བོད་པའི་སྒྱུ་རྩལ་བ་གློག་བརྙན་འཁྲབ་སྟོན་པ་དང་རྩོམ་པ་པོ་བསྟན་འཛིན་ཕུན་ཚོགས་ལགས་ནི། བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་དུ་འབྱོར་ཏེ་བཙན་བྱོལ་བོད་མིའི་སློབ་གྲྭའི་ནང་བསླབ་པ་སློབ་གཉེར་གནང་བ་དང་། རིམ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་མཐར་ཕྱིན་པའི་རྗེས། ཁོང་གིས་རང་ཉིད་ཀྱི་དགའ་མོས་ཡོད་པའི་སྒྱུ་རྩལ་གྱི་ལམ་བུར་འཇུག་འགོ་བཙུགས་གནང་འདུག་ཅིང་། བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ནས་བཟུང་གློག་བརྙན་འཁྲབ་སྟོན་པའི་ལམ་བུའི་ཐོག་ཞུགས་ཏེ་ད་བར་སྐྱོ་དབྱངས་མངར་མོ། རྩམ་པ། ས་མཐའི་ལས་དབང་ལ་སོགས་པའི་བོད་པའི་གློག་བརྙན་ཁག་མི་འདྲ་བ་དང་རྒྱ་གར་གྱི་གློག་བརྙན་ཁག་མང་པོའི་ནང་འདོན་བྱ་འདྲ་མིན་གྱི་འཁྲབ་སྟོན་གནང་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་འདྲི་ཞུས་པའི་ལས་རིམ་ཞིག་གསན་གནང་གི་རེད།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།