བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་འདི་ལོ་བགྲང་བྱ་ཧྲིལ་པོ་ ༡༨ འཁོར་བ་དང་ཚོགས་པའི་བྱུང་རིམ་སྐོར།
2022.01.11

བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་འདི་ལོ་བགྲང་བྱ་ཧྲིལ་པོ་ ༡༨ འཁོར་བ་དང་། ད་བར་བོད་ཀྱི་གསོ་རིག་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཚུལ་བཞིན་ཡོང་སླད་གསོ་རིག་མཐོ་སློབ་ཁག་ཚད་འཛིན་ངོས་ལེན་གནང་ཕྱོགས་དང་། སྨན་པའི་ཕྱག་འཁྱེར་སོགས་དེབ་སྐྱེལ་གྱིས་མཚོན། རྒྱ་གར་གཞུང་འབྲེལ་གྱི་སྒྲིག་འཛུགས་དང་འབྲེལ་ཡོད་ཁྱབ་ཁོངས་དེབ་སྐྱེལ་གནང་རྒྱུ་མཚོན་པའི་ལས་དོན་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་ཀྱི་གསོ་རིག་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ལྷན་ཚོགས་པའི་བྱུང་བ་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག