རྒྱ་གར་ལྡེ་ར་ལྡུན་དུ་ཡོད་པའི་དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་ནང་སློབ་གཉེར་གནང་ཕྱོགས་དང་ད་ལྟའི་གནས་སྟངས་སྐོར།

རྒྱ་གར་ལྡེ་ར་ལྡུན་མངའ་ཁུལ་དུ་རྟེན་གཞི་བྱས་པའི་དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་དེ ༢༠༢༡ ལོར་དངོས་སུ { Sampurnanand Sanskrit Vishwa Vidyalaya } ཞེས་པའི་རྒྱ་གར་རྒྱལ་ཡོངས་སུ་ངོས་འཛིན་ཡོད་པའི་རྒྱ་གར་གཞུང་གི་མཐོ་སློབ་ཁྱབ་ཁོངས་སུ་ཚུད་ཡོད་འདུག ། མཐོ་རིམ་སློབ་གཉེར་ཁང་འདིའི་ནང་ལོ་ངོ་དགུ་ལྷག་ཙམ་རིང་གནའ་བོའི་རྒྱ་གར་གྱི་རིག་གཞུང་དང་བོད་པའི་ནང་ཆོས་སོགས་ལ་བསླབ་པ་སློབ་གཉེར་གནང་དགོས་པ་མ་ཟད། གཞན་ཡང་རང་གཞུང་ཐུན་མིན་དམ་ཆོས་དགོངས་གཅིག་དང་ཐེག་ཆེན་བསྟན་སྙིང་བཅས་གཞུང་ཆེན་ཁག་དང་། ཐུང་མོངས་རིག་གནས་སུམ་རྟགས་དག་གསུམ་དང་སྙན་ངག ། དེ་བཞིན་དབྱིན་ཡིག་སོགས་རིག་གནས་སྣ་ཚོགས་ལ་སྦྱོང་བརྩོན་གནང་དགོས་ཡོད་འདུག ། དེ་རིང་ཁ་བའི་གྲོས་ར་ལེ་ཚན་ནང་དུ་གོང་ཞུས་དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་དུ་བོད་དང་རྒྱ་བལ་འབྲུག་གསུམ་གྱིས་མཚོན་པའི་ཧི་མ་ལ་ནས་ཕེབས་པའི་དགེ་འདུན་པ་རྣམས་ལ་སློབ་གཉེར་གནང་ཕྱོགས་ཀྱི་སྐོར་དང་། ད་ལྟའི་གནས་སྟངས་སྐོར་དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་སློབ་སྤྱི་ཟུར་པ་མཁན་པོ་དཀོན་མཆོག་བཟང་པོ་མཆོག་ལ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཅར་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག