ད་ཆ་འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་གྲངས་འབོར་ས་ཡ་ ༣༡ བརྒལ་འདུག
2020.09.22
གནད་དོན་གླེང་མོལ་གྱི་ལས་རིམ་ནང་།ད་ལྟ་འཛམ་གླིང་ནང་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་འགོས་པའི་གྲངས་འབོར་ས་ཡ་༣༡བརྒལ་ཞིང་།ནད་ཡམས་རྐྱེན་གྱིས་འདས་གྲོངས་གྱུར་བའི་གྲངས་འབོར་ས་ཡ་གཅིག་ལ་ཉེ་བ་ཆགས་པའི་སྐབས། རྒྱ་གར་ནི་ས་བབ་དང་མི་འབོར་བཅས་གང་གི་ཆ་ནས་གྲངས་འབོར་ཕར་ཚད་ཤུགས་ཆེ་བའི་རྒྱལ་ཁབ་གཅིག་དང་ད་ལྟ་འཛམ་གླིང་ནང་ནད་པའི་གྲངས་འབོར་མཐོ་ཤོས་གཉིས་པ་ཆགས་ཡོད་པར་བརྟེན།ནད་ཡམས་སྔོན་འགོག་གི་སྨན་ཁབ་མ་ཐོན་བར་བོད་མིའི་སྤྱི་ཚོགས་ཁྲོད་སྔོན་འགོག་གི་ལས་དོན་བྱེད་ཕྱོགས་བཅས་ལ་གཞུང་སྒེར་གྱིས་གནང་སྒོའི་ཐད་ཨ་རིའི་ལྷོ་ཁེ་ལི་ཧྥོར་ནི་ཡའི་ཧོཔ་གྲོང་ཁྱེར་རྒྱལ་ཡོངས་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་ཐུགས་འཁུར་བཞེས་བཞིན་པ་ནད་ཡམས་དཔྱད་རིག་པ་སྨན་པ་སྐྱུ་ལོ་རྣམ་རྒྱལ་ལྷ་དབང་ལགས་དང་ལྷན་འདི་གའི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།