བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི།
2019.01.28
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་ཉིན་མོ་དེ་བརྗོད་གཞི་འདྲ་མིན་གྱི་རྩོམ་ཡིག་འགྲན་བསྡུར་གྱི་ལམ་ནས་སྲུང་བརྩི་བྱས་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཐད་བཀག་སྡོམ་དང་། དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་པར་གདོང་ལེན་ཆེད་དམིགས་སྟེ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའིདགོངས་རྫོགས་ཀྱི་ཉིན་མོ་དེ་བོད་ཀྱི་སྐད་ཡིག་གི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་གསལ་བསྒྲགས་གནང་ཞིང་། ༢༠༡༩ ཕྱི་ཟླ་ ༡ ཚེས་ ༢༨ ཉིན་མོ་ནི་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་ངོ་གསུམ་བཅུ་འཁོར་བའི་ཉིན་མོ་དེ་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུ་དང་། མི་ཉམས་རྒྱུན་འཛིན་ཆེད་ བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གི་གནས་སྟངས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ། བོད་ཀྱི་མ་འོངས་པའི་མདུན་ལམ་དང་ད་ལྟའི་མི་རབས་ཀྱི་བསམ་སྤྱོད་སོགས་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་རྩོམ་ཡིག་འགྲན་སྡུར་གྱི་ལས་གཞི་སྤེལ་བཞིན་ཡོད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ་བློ་བཟང་དགེ་ལེགས།