དུས་འཁོར་དབང་ཆེན་གོ་སྒྲིག་ཚོཌ་ཆུང་དང་གཞོན་ནུ་ལྷན་ཚོཌ།
2011.07.16
༄༅༎ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་སའི་ལྦེ་རཡེ་ཛན་ལྟེ་གནས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་ཞེས་འཁོད་པའི་སྟོད་ཐུང་འཚོང་འགྲེམས་བྱས་པའི་ཐད་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཟུང་སྦྲེལ་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་དང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱི་བར་ལ་རྩོད་རྙོགས་བྱུང་ཞིང་ རྩོད་རྙོགས་འབྱུང་གཞི་ནི་འཛམ་གླིང་ཞི་བདེའི་ཆེད་དུ་དམིགས་པའི་དུས་འཁོར་དབང་ཆེན་སྩལ་སའི་ལྟེ་གནས་དེའི་ནང་ཆབ་སྲིད་ཀྱི་བརྗོད་བྱ་འཁོད་པའི་ཚོང་ལས་གནང་མི་ཆོག་པའི་སྒྲིགས་གཞི་གཞིར་བཟུང་བཀག་འགོག་གནང་ཡོད་པ་རེད་ དེར་བོད་ཀྱི་གཞོན་ནུའི་དབུས་རྒྱུན་ལས་ནས་སྐལ་ལྡན་བློ་གྲོས་ལགས་སུ་སྐྱོན་བརྗོད་ཞུས་ཏེ་ ཁོང་གི་ངོས་ནས་ཡིག་ངག་གཉིས་ཐོག་ནས་གཞོན་ནུའི་ཚོགས་གཙོ་དང་གཞོན་ནུ་ལྷན་ཚོགས་ལ་དགོངས་སེལ་ཞུ་དགོས་ཞེས་རྡ་རམ་ས་ལར་སྤྱི་བསྒྲགས་ཤིག་འགྲེམས་སྤེལ་བྱས་པ་རེད་ སྐལ་ལྡན་བློ་གྲོས་ལགས་ཨེ་ཤེ་ཡ་རང་དབང་རླུང་འའཕྲིན་ཁང་གི་གསར་འགོད་པ་རེད་ ཁོང་གིས་དུས་འཁོར་དབང་ཆེན་རིང་ལས་ཀ་ལས་ལུགས་མཐུན་དགོངས་པ་གཙང་མ་ཞུས་ཏེ་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་གནང་གི་ཡོད་རེད་ གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་བསྒྲགས་ནང་གསལ་བཞིན་དུས་འཁོར་དབང་ཆེན་གོ་སྒྲིགས་ཚོགས་ཆུང་གིས་ཀྱང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་གསལ་བཤད་ཅེས་པའིཔ་ཤོག་གྲངས་གཉིས་བྱས་པའི་སྤྱི་བསྒྲགས་ཤིག་སྤེལ་གནང་འདུག ད་ལམ་གྱི་གནས་ཚུལ་དེ་བྱུང་བར་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་བློ་ཕམ་ཡོད་ནའང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིགས་འཛུགས་ལ་གུས་བཀུར་མ་ཞུས་པ་དང་ མཐོང་ཆུང་བྱས་རིགས་གཏན་ནས་མེད་ཅེས་འཁོད་འདུག།