རིན་ཆེན་དར་རྒྱས་འཛིན་བཟུང་།


2013.09.16
རིན་ཆེན་དར་རྒྱས་གློ་བུར་འཛིན་བཟུང་། བོད་དཀར་མཛེས་རྟའུ་ཁུལ་ནས་ཡིན་པའི་རིན་ཆེན་དར་རྒྱས་ལགས།
ཀླུ་འབུམ་བཀྲིས།

༄༅༎རྒྱ་ནག་གི་འབྲེལ་ཡོད་སྤྱི་བདེ་ཉེན་རྟོག་ཚན་པས་བོད་དཀར་མཛེས་རྟའུ་ཁུལ་གྱི་རིན་ཆེན་དར་རྒྱས་ལགས་གློ་བུར་འཛིན་བཟུང་བྱས་ཡོད་པའི་སྐོར་འབྲེལ་ཡོད་རྟའུ་བ་ཅིག་གིས་ང་ཚོའི་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་གནང་འདུག། ཟླ་བ་འདིའི་ཚེས་༡༠ཉིན་རྒྱ་ནག་གི་འབྲེལ་ཡོད་སྤྱི་བདེ་ཉེན་རྟོག་ཚན་པས་གློ་བུར་དུ་གསང་བའི་སྒོ་ནས་རིན་ཆེན་དར་རྒྱས་ལགས་སམ། མིང་གཞན་ལ་གླ་ར་ཞུ་བ་ཁོང་རྟའུ་རྫོང་ཐོག་ནས་འཛིན་བཟུང་བྱས་འདུག  རིན་ཆེན་དར་རྒྱས་ལགས་ཀྱིས་ ༢༠༡༡ལོའི་ཟླ་བ་༨ཚེས་༡༥ཉིན་དཀར་མཛེས་ཁུལ་རྟའུ་རྫོང་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་བཏང་གནང་བའི་རྗེས། ཁོང་གི་སྐུ་ཕུང་རྒྱ་མིའི་ཉེན་རྟོག་པས་འཕྲོག་སྐབས་འགོག་རྒོལ་གནང་བ་དང༌། སྐུ་ཕུང་ལ་བདག་པོ་རྒྱབ་པ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱ་རྩིས་བྱས་ཡོད་ཀྱང༌ད་བར་འཛིན་བཟུང་བྱེད་ཐུབ་མེད་པ་རེད། ད་རེས་ཁོང་རྫོང་ཐོག་དུ་བསྐྱོད་བཞིན་པའི་སྐབས་གློ་བུར་དུ་འཛིན་བཟུང་བྱས་རྗེས། ཁོང་གར་ཡོད་ནང་མི་དང་འབྲེལ་ཡོད་མི་སྣ་སུས་ཀྱང་རྩད་གཅོད་ཐུབ་ཀྱི་མེད་པ་རེད། རིན་ཆེན་དར་རྒྱས་ལགས་དགུང་ལོ་༤༡ཙམ་ཡིན་པ་དང༌། ཕ་ཡུལ་རྟའུ་ ལོ་བ་གྲོང་ཚོ་ནས་རེད་འདུག། ཁོང་ནི་འཚོ་ཐབས་ཆེད་ཚོང་ལས་འདྲ་མིན་གནང་མཁན་ཞིག་ཡིན་པ་དང༌། ཁོང་ལ་བུ་གཉིས་དང་བུ་མོ་གཅིག་བཅས་ཕྲུ་གུ་གསུམ་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎