བོད་མི་གཅར་རྡུང་བྱས་བའི་མ་ཚད་མི་ལྔ་འཇུ་བཟུང་བྱས་འདུག

རྒྱ་ནག་ཉེན་རྟོག་པས་མཚོ་སྔོན་པོའི་མཐའ་སྐོར་དུ་ཚོང་གཉེར་བྱེད་མཁན་མང་ཚོཊ་ལ་ཉེས་རྡུང་བཏང་བའི་མ་ཚད་མི་ལྔ་འཇུ་བཟུང་བྱས་ཡོད་འདུག

མཚོ་སྔོན་པོའི་ཉེ་འཁོར་དུ་ཚོང་གཉེར་བྱེད་མཁན་བོད་མི་ཚོས་ཞུ་འབོད་སྐབས། ༢༠༡༦།༦།༢༣ བོད་འབྱོར།

རྒྱ་ནག་ཉེན་རྟོག་པས་མདོ་སྨད་མཚོ་སྔོན་པོའི་མཐའ་སྐོར་དུ་ཚོང་གཉེར་བྱེད་མཁན་མང་ཚོགས་ལ་ཉེས་རྡུང་བཏང་བ་མ་ཟད་མི་ལྔ་འཇུ་བཟུང་བྱས་ཡོད་འདུག
དེ་ཡང་བོད་ནས་འབྲེལ་ཡོད་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་དྲུག་པའི་ཚེས་༢༣་ཉིན་ཉེན་རྟོག་མི་སྣས་མཚོ་སྔོན་པོའི་ཉེ་འཁོར་དུ་ཚོང་གཉེར་བྱེད་མཁན་བོད་མི་མང་ཚོགས་ཀྱི་གུར་སོགས་གཏོར་བཤིག་བཏང་བའི་རྗེས། ཕྱི་ཚེས་༢༤་ཉིན་ཉེན་རྟོག་པ་འཕོན་ཆེ་བསྐྱར་དུ་ས་གནས་སུ་ཡོང་བོད་མི་མི་གྲངས་ལྔ་དངོས་སུ་འཛིན་བཟུང་བྱས་ཡོད་འདུག
ས་གནས་བོད་མིས་བརྗོད་དོན། བོད་མི་དེ་དག་འཛིན་བཟུང་བྱ་དགོས་པའི་ནག་ཉེས་གང་ཡང་བསག་མེད་པ་དང་། ཁོང་ཚོ་འཛིན་བཟུང་བྱེད་པའི་སྐབས་ཉེན་རྟོག་པར་བོད་མི་དེ་དག་འཛིན་བཟུང་བྱ་ཆོག་པའི་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་འཁྱེར་རྒྱུ་མེད་པ་རེད་ཅེས་དང་། དེ་བཞིན་ཕྱི་ཚེས་༢༣་ཉིན་ཉེན་རྟོག་པ་དང་བོད་མིའི་དབར་གདོང་ཐུག་བྱུང་
བའི་སྐབས་འདྲ་དཔར་ལེན་མཁན་ཡིན་པར་དོགས་གཞི་བྱས་ཡོད་པ་ཚོད་དཔག་བྱེད་བཞིན་པ་དང་། བོད་མི་དེ་ཚོ་འཇུ་བཟུང་རྗེས་རྟ་ནག་མ་ཡུལ་ཚོར་ཁྲིད་ཡོད་པ་རེད།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org