༧གོང་ས་མཆོག་ཞི་བདེའི་ལྟེ་གནས་ཀྱི་སློབ་སྟོན་པར་འཛུལ་ཞུཌ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ལྕམ་ཨང་སན་སུ་ཅི་རྣམ་གཉིས་རྒྱལ་སྤྱིའི་ཞི་བདེའི་ལྟེ་གནས་ཁང་གི་སློབ་སྟོན་པའི་ཚོགས་མིར་འཛུལ་ཞུགས་མཛད་ཡོད་པ་རེད་འདུག

2012.10.19

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། འབར་མའི་མང་གཙོ་དོན་གཉེར་བ་ལྕམ་ཨང་སན་སུ་ཅི་རྣམ་གཉིས་ཀྱིས་Forum 2000ཞེས་པའི་ཞི་བདེའི་ལྟེ་གནང་ཁང་གི་སློབ་སྟོན་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་མཛད་ཡོད་པ་རེད།  
ཞི་བདེའི་ལྟེ་གནང་ཁང་དེ་བཞིན།    ཐོག་མར་ཕྱི་ལོ་༡༩༩༦ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་Vaclav Havel མཆོག་དང་། ཉི་ཧོང་གི་གཏོང་ཕོད་ཅན་སྐུ་ཞབས་Yohei Sasakawa མཆོག དེ་བཞིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨཕ་རི་ཁའི་སྲིད་འཛིན་ཟུར་པ་ Frederik Willem de Klerk མཆོག་སོགས་ཀྱིས་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད། 
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་ལྟེ་གནས་ཁང་ལ་གསུང་འཕྲིན་ཞིག་བསྩལ་གནང་མཛད་པའི་ནང་།   ངོས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་Vaclav Havel དམ་པ་ཁོང་གིས་དགོངས་པ་བཞིན། འཛམ་གླིང་ནང་ཞི་བདེ་དང་དྲང་བདེན་གོང་འཕེལ་གཏོང་ཆེད་ངལ་བ་ཁྱད་བསད་ཐོག་ནས་འབད་བརྩོན་མུ་མཐུད་ཞུ་རྒྱུའི་རེ་བ་ཞུ་རྒྱུ་མ་ཟད།  ངོས་ནས་ཀྱང་ལྟེ་གནས་ཁང་དང་ལྷན་ལས་དོན་དེ་དག་ཐོག་མཉམ་རུབ་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་གནང་ཡོད་པ་རེད།།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎