བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྒྱུར་བའི་སྲིད་ཇུས་ནི་དགོན་སྡེ་ཁག་གིས་དམར་ཤོག་གི་སྲིད་དབང་ལ་རྒྱབ་སྐྱོར་ཡོང་ཐབས་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་།

2024.01.08
བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་སྒྱུར་བའི་སྲིད་ཇུས་ནི་དགོན་སྡེ་ཁག་གིས་དམར་ཤོག་གི་སྲིད་དབང་ལ་རྒྱབ་སྐྱོར་ཡོང་ཐབས་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་ཚོགས་འདུ་ཟེར་བ་ཚོགས་སྐབས། ༠༡།༠༥།༢༠༢༤
Chinese State Media

དེ་ཡང་ཟླ་འདིའི་སྤྱི་ཚེས་༥ཉིན། བོད་རང་སྐྱོང་ལྗོངས་ཟེར་བའི་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་སྐོར་ནན་བརྗོད་བྱས་ཡོད་ཚུལ་འཁོད་ཡོད་འདུག
གནས་ཚུལ་དེའི་ཐད་རྒྱ་ནག་གི་སྲིད་ཇུས་ཉམས་ཞིབ་པ་དང་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཚོགས་འདུ་དེ་ནི་གསར་བ་གང་ཡང་མ་ཡིན་པར་སྔོན་མའི་ནང་དོན་ཁག་དང་གཅིག་མཚུངས་རེད། སྲིད་ཇུས་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་གི་དགེ་འདུན་པ་བཙུན་མ་ཚོ་རྒྱ་ནག་དམར་ཤོག་གི་འོག་ལ་འཇུག་ཐབས་དང་། དམར་ཤོག་ཚོགས་པར་དགའ་མོས་དང་སྲིད་དབང་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་ཆེད་དུ་ཡིན་པ་ངོས་འཛིན་གནང་གི་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་༢༠༢༢་ནས་༢༠༢༣་གྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ཁབ་༢༨ནང་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་དང་གནས་སྟངས་ལ་ལྟ་ཞིབ་གནང་བའི་རྗེས། ཨ་རི་གཞུང་གི་སྲིད་ཇུས་དང་འབྲེལ་བའི་བསམ་འཆར་བཏོན་གནང་ཡོད་འདུག་ལ། ལྷན་ཚོགས་དེས་༡༩༩༩ ལོ་ནས་འབྲེལ་ཡོད་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་དེ་བཞིན་ལོ་ངོ་༢༤རིང་ཆོས་དད་རང་དབང་སྡུག་ཤོས་ཀྱི་མིང་ཐོའི་ནང་ཚུད་ཡོད་པའི་སྐོར་འཁོད་འདུག


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎